top of page

ལས་བྱེད་ས་མིག་གསལ་བསྒྲགས།

༄༅། །བཙན་བྱོལ་བོད་མིའི་ཁྲིམས་ལུགས་རིགས་པ་བའི་ཚོགས་པའི་ལས་ཁུངས་གསར་འཛུགས་གནང་ གཏན་འཁེལ་ཡོད་པ་དང་། ཚོགས་པའི་དམིགས་ཡུལ་དང་ལས་མཆར་སོགས་འཐུས་ཚང་ལེགས་གྲུབ་ཡོང་ཆེད། དྲ་རྒྱའི་རྩོམ་སྒྲིག་པ་ཞིག་དང་ གནས་ཚུལ་མཁོ་སྒྲུབ་པ་བཅས་ལས་བྱེད་གཉིས་དགོས་ཡོད་ལགས་ན། གཤམ་གསལ་ཆ་རྐྱེན་ཚང་ཞིང་ཞུགས་བློ་ཡོད་རིགས་རྣམས་གཤམ་འཁོད་ཁ་བྱང་ཐོག་ཕྱི་ལོ་ ༢༠༡༦ ཟླ་ ༣ ཚེས་ ༡༥ ཕྱི་དྲོ་ཚོུད་ ༥ འགྱངས་མེད་ལས་ཁུངས་ལ་འབྲེལ་བ་གནང་རོགས། སྐབས་དེར་ཚོད་རྒྱུགས་སྟོབས་བདེ་ཞིག་དང་ངག་རྒྱུགས་ཤིག་ལེན་རྒྱུ་ཡིན།རྒྱུགས་ཤོག་ལ་དག་བཅོས་བྱུང་རྗེས་འདེམས་ཐོན་བྱུང་བའི་ལས་བྱེད་དོ་བདག་ལ་འབྲེལ་བ་བྱེད་རྒྱུ་ཡིན། དགོས་ངེས་ཆ་རྐྱེན་ཚང་དགོས་ཁག                                                                    

༡། གློག་ཀླད་ཀྱི་མང་གཞིའི་ཤེས་བྱ་ཡོད་པ་དང་གློག་ཀླད་ཐོག་བོད་ཡིག་རྒྱག་ཤེས་པ།                                

 ༢། བོད་ཡིག་དང་དབྱིན་ཡིག་གཉིས་ལ་རང་བཅར་འཕེར་བའི་ཤེས་ཚད་ཡོད་པ། དེའི་ཐོག་ རྒྱ་ཡིག་གི་ཤེས་ ཚད་ཅུང་ཡོད་ན་དེ་བས་བཟང་།                                                      

༣། བོད་ནང་གི་ གནས་ཚུལ་མཁོ་སྒྲུབ་བྱེད་པའི་ རྒྱུད་ལམ་ཡག་པོ་ཡོད་པ།                                           

༤། དངས་བླང་དཔྱ་དངུལ་ལག་དེབ་ཀྱི་ཤོག་ངོས་དང་པོ་དང་། གཉིས་པ། དངས་བླངས་དཔྱ་དངུལ་ ཕྱི་ལོ་ ༢༠༡༥ བར་གཙང་ཕུལ་ཞུས་པའི་ལག་དེབ་ཀྱི་ངོ་བཤུས་མཉམ་འབུལ་ཞུ་དགོས།                              

 ༥། གནས་ཡུལ་རྒྱལ་ཁབ་ཏུ་ཁྲིམས་མཐུན་གནས་སྡོད་ཆོག་པའི་སྐྱབས་བཅོལ་ལག་དེབ་ཀྱི་ཤོག་གྲངས་དང་པོ་ དང་འདྲ་པར་ཅན། མཐའ་མ་བཅས་ཀྱི་ངོ་བཤུས་མཉམ་འབུལ་དགོས།                            

༦། ཟླ་རེའི་གླ་ཕོགས་ཧིན་སྒོར་ཆིག་ཁྲི་(Rs10000/)་ཡིན་པ་དང་།  

ཚོགས་པའི་གནས་སྟངས་ཡར་རུ་སོང་ན་གླ་ཕོགས་དང་ཐོབ་སྐལ་སོགས་ཇེ་བཟང་དུ་གཏང་རྒྱུ་ཡིན། བཙན་བྱོལ་བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་པ།

Tibetan Legal Association Ratoe Chuwar Labrang, Sessions Road Dharamsala (H.P) 176215 India Contact No: +91-8894185835 Email: tla23july2014@gmail.com

 

TEACHING POSTS ANNOUNCEMENT 2016

Tibetan Children's Village - Head Office invites applications for the following teaching posts in our affiliate schools in India. Interested candidates having required qualifications may apply and last date for submission of application & academic credentials is February 29, 2016 at the below given address/email. No applications will be entertained thereafter. 

Applicants have to appear for classroom teaching observation followed by interview.

Applicants should be below 40 years of age.

If the applicant is serving in any institution, the applicant should furnish a NOC from their respective employer.

PET applicants will have to appear for outdoor activity observation.

No teaching observation for Librarian applicants

Applicants  must bring original copies of academic credentials. RC,Green Book and two recent passport size photo

Contact address:

The Education Director                                                          Phone  :  01892 - 221686
Tibetan Children's Village - Head Office                            Email :     ed@tcv.org.in
Dharamsala Cantt, Distt Kangra  - 176216
HP (India)

 

ལས་བྱེད་ས་སྟོང་གསལ་བསྒྲགས།

ཕྱི་ལོ་ ༢༠༡༦ ཟླ་ ༢ ཚེས་ ༡༦ རེས་གཟའ་མིག་དམར།

༄༅། །བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་ཁྱབ་ཁོངས་སྡེ་ར་ལྡུན་མངོན་ དགའ་བོད་ཕྲུག་དམིགས་བསལ་དགོས་མཁོ་ཅན་གྱི་སློབ་གྲྭའི་ནང་ཆོད་གན་ཐོག་ཕྱི་ བཅོས་གསོ་ཐབས་པའི་ (Physiotherapist) ས་མིག་གཅིག་སྟོང་པ་ཡོད་ན། རང་རེའི་སྤྱི་ཚོགས་ཁྲོད་གོང་གསལ་ས་མིག་ཐོག་ཞུགས་འདོད་ཡོད་རིགས་ནས་གཤམ་གསལ་ ཆ་རྐྱེན་ཚང་ཐོག་འཚང་སྙན་འབུལ་དགོས།

དགོས་མཁོའི་ཆ་རྐྱེན་ཁག

༡། དམའ་མཐར་ BPT (Bachelor of Physiotherapy) སློབ་ཐོན་ཟིན་པའི་ལག་འཁྱེར།

༢། དྭང་བླངས་དཔྱ་དངུལ་ལག་དེབ་ཀྱི་ཤོག་ངོས་དང་པོ་དང་། གཉིས་པ། དྭང་བླངས་དཔྱ་དངུལ་ཕྱི་ལོ་ ༢༠༡༥ བར་གཙང་ཕུལ་ཞུས་པའི་ལག་དེབ་ཀྱི་ངོ་བཤུས་མཉམ་འབུལ་ཞུ་དགོས།

༣། གནས་ཡུལ་རྒྱལ་ཁབ་ཏུ་ཁྲིམས་མཐུན་གནས་སྡོད་ཆོག་པའི་སྐྱབས་བཅོལ་ལག་དེབ་ཀྱི་ ཤོག་གྲངས་དང་པོ་དང་འདྲ་པར་ཅན། མཐའ་མ་བཅས་ཀྱི་ངོ་བཤུས་མཉམ་འབུལ་དགོས།

༤། སྨན་ཁང་ཚད་ལྡན་ནས་གཟུགས་གཞི་བདེ་ཐང་ལས་འཕེར་ཡིན་པའི་ངོས་སྦྱོར་སྟེང་རང་ཉིད་ ཀྱི་ཕྱེད་པར་མཉམ་སྦྱར་ཐོག་སྨན་པའི་ལས་དམ་དང་མཚན་རྟགས་འཁོད་པ་ངོ་མ།

༥། ད་ལྟ་སྤྱི་སྒེར་གང་རུང་དུ་ལས་ཀ་བྱེད་མུས་ཡིན་ཚེ་ལས་ཡུལ་དེ་ནས་དགག་བྱ་མེད་པའི་ངོས་སྦྱོར་དགོས།

༦། རང་ཉིད་གཏན་སྡོད་བྱ་ཡུལ་ས་གནས་འགོ་འཛིན་ནས་རྒྱུན་དུ་བྱ་སྤྱོད་ཉེས་སྐྱོན་མེད་པའི་ངོས་སྦྱོར།

༧། རང་ལོ་ ༤༥ ལས་མ་བརྒལ་བ། སྐྱེས་ཚེས་ལག་འཁྱེར་ཡོད་ན་དང་དེ་མིན་ཁུངས་སྐྱེལ་ཡིག་ཆ་གཞན་གྱི་ངོ་བཤུས། གོང་གསལ་ཡིག་ཆ་དང་སྙན་ཞུ་ཕྱི་ལོ་ ༢༠༡༦ ཟླ་ ༣ ཚེས་ ༥ ཕྱི་དྲོ་ཆུ་ཚོད་ ༥ གོང་གཤམ་གསལ་ཁ་བྱང་ཐོག་འབུལ་དགོས། དོ་བདག་སོ་སོར་འབྲེལ་བ་ཞུ་བདེའི་སླད་ཁ་བྱང་དང་། གློག་འཕྲིན་ Email ID དེ་བཞིན་ཁ་པར་ཨང་གྲངས་སོགས་འཚང་སྙན་ནང་ཁ་གསལ་བཀོད་དགོས།

གོང་གསལ་ལག་འཁྱེར་དང་ཡིག་ཆ་ཁག་གི་ངོ་བཤུས་ཁག་ལ་ས་གནས་འགོ་འཛིན་ནམ། བོད་མིའི་སྒྲིག་འཛུགས་ཀྱི་ཟུང་དྲུང་གནས་རིམ་ཡན་ནམ། ཡང་ན་སློབ་གྲྭའི་སློབ་སྤྱི་སུ་རུང་གི་དག་མཆན་ལས་དམ་འཁོད་དགོས་པ་བཅས། མངོན་དགའ་བོད་ཕྲུག་དམིགས་བསལ་དགོས་མཁོ་ཅན་གྱི་སློབ་གྲྭའི་ལས་ཁུངས་ནས་ཕྱི་ ལོ་ ༢༠༡༦ ཟླ་ ༢ ཚེས་ ༦ ལ།།

Last date of application is 05:00 pm, 5 March 2016.

Director
Ngoenga School for Tibetan Children with Special Needs
S.D.Road,P.O.Kulhan-248001
Distt.Dehradun,Uttarakhand
Email: ngoenga@tibet.net,www.ngoengaschool.org
Ph:(0135) 2607688,2607128

 

ལས་བྱེད་ས་སྟོང་གསལ་བསྒྲགས།

The Department of Health, Central Tibetan Administration has announced job vacancy for the post of a headmaster at Ngoenga School for Tibetan Children with Special Needs, based in Dehradun.

 

༄༅། །བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་ཁྱབ་ཁོངས་སྡེ་ར་ལྡུན་མངོན་ དགའ་བོད་ཕྲུག་དམིགས་བསལ་དགོས་མཁོ་ཅན་གྱི་སློབ་གྲྭའི་ནང་དགེ་རྒན་ཆེན་མོའི་ས་ མིག་སྟོང་པ་ཡོད་ན། གཤམ་གསལ་ཆ་རྐྱེན་ཚང་ཞིང་ཞུགས་བློ་ཡོད་རིགས་རྣམས་ལག་འཁྱེར་ཡིག་ཆ་ཁག་གི་ངོ་ བཤུས་དང་འཚང་སྙན་བཅས་མངོན་དགའ་སློབ་གྲྭའི་ལས་ཁུངས་སུ་གཤམ་འཁོད་ཁ་བྱང་ཐོག་ ཕྱི་ལོ་ ༢༠༡༦ ཟླ་ ༣ ཚེས་ ༥ ཕྱི་དྲོ་ཚོུད་ ༥ འགྱངས་མེད་འབུལ་དགོས་པ་དང་། འཚང་སྙན་ནང་སོ་སོའི་ཞལ་པར་ཨང་དང་ཨི་མེལ་ཁ་བྱང་ངེས་པར་འཁོད་དགོས། འཚང་རྒྱུགས་དངོས་གཞིའི་ཉིན་ཞིབ་འཇུག་ཆེད་ལག་འཁྱེར་ངོ་མ་མཉམ་འཁྱེར་དགོས་པ་ དང་། ཆ་རྐྱེན་ཚང་བའི་སྙན་འབུལ་བ་རྣམས་བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་ལས་ ཁུངས་ནས་འདེམས་སྒྲུག་ཞུ་རྒྱུ།

 

དགོས་ངེས་ཆ་རྐྱེན་ཚང་དགོས་ཁག

༡། ངོས་འཛིན་ཡོད་པའི་མཐོ་རིམ་གཙུག་ལག་སློབ་ཁང་གང་རུང་ནས། (Bachelor Degree with B.Ed) ལག་འཁྱེར་ཐོག་ཉུང་མཐར་སློབ་གྲྭའི་ནང་ཉམས་མྱོང་ལོ་ ༡ དགོས་པ།

༢། དངས་བླང་དཔྱ་དངུལ་ལག་དེབ་ཀྱི་ཤོག་ངོས་དང་པོ་དང་། གཉིས་པ། དངས་བླངས་དཔྱ་དངུལ་ཕྱི་ལོ་ ༢༠༡༥ བར་གཙང་ཕུལ་ཞུས་པའི་ལག་དེབ་ཀྱི་ངོ་བཤུས་མཉམ་འབུལ་ཞུ་དགོས།

༣། གནས་ཡུལ་རྒྱལ་ཁབ་ཏུ་ཁྲིམས་མཐུན་གནས་སྡོད་ཆོག་པའི་སྐྱབས་བཅོལ་ལག་དེབ་ཀྱི་ ཤོག་གྲངས་དང་པོ་དང་འདྲ་པར་ཅན། མཐའ་མ་བཅས་ཀྱི་ངོ་བཤུས་མཉམ་འབུལ་དགོས།

༤། སྨན་ཁང་ཚད་ལྡན་ནས་གཟུགས་གཞི་བདེ་ཐང་ལས་འཕེར་ཡིན་པའི་ངོས་སྦྱོར་སྟེང་རང་ཉིད་ ཀྱི་ཕྱེད་པར་མཉམ་སྦྱར་ཐོག་སྨན་པའི་ལས་དམ་དང་མཚན་རྟགས་འཁོད་པ་ངོ་མ།

༥། ད་ལྟ་སྤྱི་སྒེར་གང་རུང་དུ་ལས་ཀ་བྱེད་མུས་ཡིན་ཚེ་ལས་ཡུལ་དེ་ནས་དགག་བྱ་མེད་ པའི་ངོས་སྦྱོར་དགོས། ༦། རང་ལོ་ ༥ མན་གྱི་ཕྲུ་གུ་མཉམ་སྦྱར་མེད་པ།

༧། རང་ལོ་ ༤༥ ལས་མ་བརྒལ་བ། སྐྱེས་ཚེས་ལག་འཁྱེར་ཡོད་ན་དང་དེ་མིན་ཁུངས་སྐྱེལ་ཡིག་ཆ་གཞན་གྱི་ངོ་བཤུས།

༨། ཟླ་རེའི་གང་ཕོགས་ཐོག་བར་བརྒལ་ངལ་སེལ་བརྒྱ་ཆ་ ༣༢ རྩིས་གང་ཕོགས་སྒོར་ ༡༢༠༧༠།༠༠ ཐོབ་རྒྱུ་དང་། ཐོབ་ཐང་གཞན་ཁག་སྒྲིག་གསལ་བཞིན་ཞུ་སྤྲོད་ཆོག་རྒྱུ།

གོང་གསལ་ལག་འཁྱེར་དང་ཡིག་ཆ་ཁག་གི་ངོ་བཤུས་ཁག་ལ་ས་གནས་འགོ་འཛིན་ནམ། བོད་མིའི་སྒྲིག་འཛུགས་ཀྱི་ཟུང་དྲུང་གནས་རིམ་ཡན་ནམ། ཡང་ན་སློབ་གྲྭའི་སློབ་སྤྱི་སུ་རུང་གི་དག་མཆན་ལས་དམ་འཁོད་དགོས་པ་བཅས། མངོན་དགའ་བོད་ཕྲུག་དམིགས་བསལ་དགོས་མཁོ་ཅན་གྱི་སློབ་གྲྭའི་ལས་ཁུངས་ནས་ཕྱི་ ལོ་ ༢༠༡༦ ཟླ་ ༢ ཚེས་ ༦ ལ།།

Interested applicants must apply at the address given below on or before 05:00 pm, 5 March 2016.

 

Director
Ngoenga School for Tibetan Children with Special Needs
S.D.Road,P.O.Kulhan-248001
Distt.Dehradun,Uttarakhand
Email: ngoenga@tibet.net,www.ngoengaschool.org
Ph:(0135) 2607688,2607128

 

Job: ENVISION is looking for a Deputy Director!

A fantastic opportunity to work as part of a small but thriving organisation, working to strengthen the Tibetan community through youth empowerment.

Working closely with the Director, you will be responsible for the day-to-day management and implementation of the organisation’s programmes. As well as ensuring the smooth running of the office, you will work to strengthen existing programmes and develop new projects.

You will need to be motivated, proactive and have a strong ability to work both independently and with a small team. In return, you will get to work with a great team of people and play a significant role in taking the organisation forward.

Female candidates are strongly encouraged to apply.

Those interested, please respond via email to envision@empoweringvision.org before February 20th with a cover letter and resume addressed to the Director.

bottom of page